༼ སེམས་དོན་རིག་པའི་སྤེལ་ཁང་གི་སྒྲིག་གཞི་བཅའ་ཡིག ༽ CODE OF CONDUCT |
|
༡/ སྤེལ་ཁང་ནང་འོང་པའི་སྐབས་སློབ་དཔོན་དང་སློབ་ཕྲུག་ག་ར་ཨིན་རུང་སྐྱ་དང་གྱོན་ཆས་ཚུ་ཚུལ་མཐུན་ཐོག་འོང་ དགོ། All the students and lecturers must wear formal attire and maintain decent hairstyles when in the campus during class hours and at formal events. གལ་སྲིད་གོང་གི་སྒྲིག་གཞི་དང་འགལ་མི་སློབ་ཕྲུག་ཨིན་བ་ཅིན། ༡. ཐེངས་དང་པོ་ཟླ་རིམ་བདག་སྐྱོང་དང་སློབ་སྟོན་པ་ཡོངས་ཀྱིས་ཚུལ་མཐུན་འོང་དགོ་པའི་དྲན་གསོ་འབད་དགོ། ༢. ཐེངས་གཉིས་པ་གོང་གི་སྒྲིག་གཞི་ལྟར་ཚུལ་མཐུན་སྦེ་ཕྱག་ཞུ་ནི་ཨིན་པའི་ཁས་ལེན་དང་ཡི་གུ་བཙུགས་བཅུག་དགོ། ༣. ཐེངས་གསུམ་པ་ཚུལ་མཐུན་སྦེ་མ་འོངས་ཚུན་སློབ་ཁང་ནང་འོང་མ་བཅུག་པ་བཞག་ནི་ཨིན། གལ་སྲིད་སློབ་སྟོན་པ་ཚུལ་མཐུན་སྦེ་མ་འོངས་པ་ཅིན། སྤེལ་ཁང་འདིའི་བཀོད་ཚོགས་ཀྱིས་དྲན་གསོ་འབད་ནི་ཨིན།
༢/ སློབ་ཕྲུག་ཚུ་སྤེལ་ཁང་ནང་འོང་པའི་སྐབས་རྟགས་རྒྱན་བཏགས་ཏེ་འོང་དགོ། Students must carry student identity card issued by the institute at all times on campus. གལ་སྲིད་གོང་གི་སྒྲིག་གཞི་དང་འགལ་བ་ཅིན་ཆད་པ་དངུལ་ཀྲམ་ ༡༠༠ བཀལ་ནི་ཨིན། དེ་ཡང་ཟླ་རིམ་བདག་སྐྱོང་གི་འགོ་འདྲེན་ཐོག་ཉེས་ཆད་འབྱོར་རྟགས་བཏོག་སྤྲོད་དགོ། གལ་སྲིད་རྟགས་རྒྱན་འདི་འབྱང་སྟོར་ཤོར་བ་ཅིན་དེ་འཕྲོ་ལས་འཛིན་སྐྱོང་ཡིག་ཚང་དང་གཅིག་ཁར་འབྲེལ་བ་འཐབ་ཞིནམ་ལས་ཡི་གུ་ལེན་དགོ ཡི་གུ་མེད་པ་ཅིན་ཉེས་ཆདདངུལ་ཀྲམ་ ༡༠༠ རེ་ཉིན་ལྟར་ཕོག།
༣/ འཛིན་ཁང་དང་སྤྱི་དོན་ཚོགས་ཁང་ནང་སྤྲོ་སྟོན་ལས་གཞན་པའི་ལས་རིམ་འགོ་འདྲེན་འཐབ་པའི་སྐབས་སུ་ འགྲུལ་འཕྲིན་ལག་ལེན་འཐབ་མི་ཆོག། Students must turn off all electronic devices, such as cell phones, when they enter their classrooms and events (other than entertainment programs) in auditorium. གལ་སྲིད་སྒྲིག་གཞི་འདི་དང་འགལ་ན། ཐེངས་དང་པོ་ཆད་པ་དངུལ་ཀྲམ་ ༡༠༠༠/ ཐེངས་གཉིས་པ་ ༢༠༠༠ རིམ་པ་ བཞིན་དུ་ལོག་ལྟབ་སྦེ་ཆད་པ་བཀལ་ནི་ཨིན། ཉེས་ཆད་མ་བཏབ་ཚུན་འགྲུལ་འཕྲིན་ལོག་མ་སྤྲོད་པ་བཞག་ནི་ཨིན།
༤/ སྤེལ་ཁང་ནང་འཁོད་དང་སྤེལ་ཁང་གི་འགོ་འདྲེན་འཐབ་པའི་ལས་སྣའི་སྐབས་སློབ་ཕྲུག་ནང་ཕན་ཚུན་གཅིག་གིས་གཅིག་ལུ་ཁ་རྩོད་དང་འཐབ་འཛིང་སྤྱོད་ངན་ཚུ་འབད་མི་ཆོག། Students must refrain from involving in any sort of violence within the college campus and during any outside events. གལ་སྲིད་ཁ་རྩོད་འབད་ས་མཐོང་བ་ཅིན། ༡. ཐེངས་དང་པོ་ཕ་མ་དང་སློབ་སྟོན་པ་རྣམས་འཛོམས་ཞིནམ་ལས་ཤུལ་ལས་མི་འབད་ནིའི་ཁས་ལེན་ཡི་གུ་བཙུགས་བཅུག་ནི་ཨིན། ༢. ཐེངས་གཉིས་པ་སློབ་དུས་ཕར་འགྱང་གཏང་ནི། ༣. ཐེངས་གསུམ་པ་སྤེལ་ཁང་འདི་ནང་ལས་རྩ་དབྱུང་གཏང་ནི་ཨིན། འཐབ་འཛིང་འབད་ས་མཐོང་བ་ཅིན། ༡. ཐེངས་དང་པོ་སློབ་དུས་འཕར་འགྱང་གཏང་ནི། ༢. ཐེངས་གཉིས་པ་སྤེལ་ཁང་འདི་ནང་ལས་རྩ་དབྱུང་གཏང་ནི་ཨིན།
༥/ སྤེལ་ཁང་ནང་འཁོད་ཆང་དང་སྨྱོ་རྫས་ཀྱི་རིགས་ཚུ་ལོངས་སྤྱོད་མི་ཆོག། The students are strictly prohibited to drink or possess any kind of alcoholic beverages and to consume narcotic substances in campus. གལ་སྲིད་སྤེལ་ཁང་གི་ས་ཁོང་ནང་ལུ་ཆང་དང་སྨྱོ་རྫས་ཀྱི་རིགས་ལོངས་སྤྱོད་ས་མཐོང་བ་ཅིན། ༡. ཐེངས་དང་པོ་ཕ་མ་དང་སློབ་དཔོན་རྣམས་འཛོམས་ཞིནམ་ལས་ཤུལ་ལས་མི་འབད་ནིའི་ཁས་ལེན་ཡི་གུ་བཙུགས་དགོ། ༢. ཐེངས་གཉིས་པ་སློབ་དུས་འཕར་འགྱང་། ༣. ཐེངས་གསུམ་པ་སྤེལ་ཁང་འདི་ནང་ལས་རྩ་དབྱུང་གཏང་ནི་ཨིན།
༦/ སློབ་དཔོན་དང་དོ་དམ་ལུ་ཚུལ་མིན་གི་སྤྱོད་ངན་དང་ཚིག་རྩུབ་ཀྱི་སྒོ་ལས་ངོ་རྒོལ་འབད་མི་ཆོག། Students must not go against and disrespect their Lecturers and Student Representatives. གོང་གི་དོན་ཚན་དང་འགལ་བ་འབྱུང་བ་ཅིན། གཏམ་བདེན་རྫུན་དབྱེ་དཔྱད་འབད་ཞིནམ་ལས་ཉེས་པ་ཆེས་ཕྲ་དང་བསྟུན། སློབ་དུས་འཕར་འགྱང་དང་རྩ་དབྱུང་གཏང་ནི་ལ་སོགས་པ་སྤེལ་ཁང་གི་བཀོད་ཚོགས་ཀྱིས་ཐག་བཅད་འབད་ནི་ཨིན།གལ་སྲིད་སློབ་སྟོན་པ་ལུ་འགལ་བ་ཡོད་པ་ཅིན་དེ་ཡང་ཉེས་པ་ཆེ་ཕྲ་དང་བསྟུན་སྤེལ་ཁང་གི་བཀོད་ཚོགས་ཀྱིས་ཐག་བཅད་གནང་ནི་ཨིན།
༧/ སྤེལ་ཁང་ལས་བརྟེན་པའི་དམིགས་བསལ་ལས་སྣ་རེ་འཐོན་ཚེ་སློབ་དཔོན་དང་སློབ་ཕྲུག་གེ་ར་གིས་རེས་གཟའ་ཟླ་བ་དང་གཞུང་གི་ངལ་གསོ་ཨིན་རུང་ངེས་པར་དུ་གྲལ་གཏོགས་འབད་དགོ། All the students and Lecturers must attend any programs conducted by the Institute compulsorily, regardless of weekends and national holidays. སྤེལ་ཁང་ལས་བརྟེན་པའི་ལས་སྣ་འཐོན་པ་ཅིན། ཟླ་རིམ་བདག་སྐྱོང་གི་འགོ་འདྲེན་ཐོག་མཚན་ཐོ་ལྷག་ཞིནམ་ལས་ཚང་ག་མ་ཚང་བལྟ་དགོ། གལ་སྲིད་སློབ་ཕྲུག་ཚུ་ལུ་གནད་དོན་ཚབ་ཆེན་རེ་འཐོན་པ་ཅིན་ངེས་པར་དུ་སྟབས་མ་བདེ་བའི་རྒྱུ་མཚན་དང་སྨན་ ཁང་ནང་ལུ་ཨིན་བ་ཅིན་སྨན་ཁང་གི་ཡི་གུ་འབག་འོང་དགོགནད་དོན་ཚབ་ཆེན་མེད་པར་ལས་སྣ་ནང་ལུ་བཅའ་མར་མ་གཏོགས་པ་ཅིན། ཟླ་རིམ་བདག་སྐྱོང་གི་ཐོ་བཞག་ཞིནམ་ལས་སློབ་སྟོན་སྐབས་ཀྱི་ཉིན་ཐོའི་ཆད་པ་དང་གསུམ་ལྟབ་སྦེ་རྩིས་འདི་སློབ་དུས་ཀྱི་ཆོས་རྒྱུགས་ སྐབས་སུ་ལག་ལེན་འཐབ་ནི་ཨིན།
༨/ སློབ་གྲྭའི་ངལ་གསོ་ཚང་པའི་དུས་ཚོད་ཁར་ངེས་པར་དུ་འཛོམས་དགོ། All the students must report on given date after their summer and winter breaks without fail. དམིགས་བསལ་སློབ་ཕྲུག་རང་རང་སོ་སོ་ལུ་ན་ཚ་ཚབ་ཆེན་དང་ཕམ་ལུ་ཚབ་ཆེན་གྱི་གནད་དོན་ཡོད་ན་མ་གཏོགས། སྤེལ་ཁང་ནང་དུས་ཚོད་ཁར་འཛོམས་མ་ཚུགས་པ་ཅིན། ཉིན་ལྟར་བཞིན་ཆད་པ་དངུལ་ཀྲམ་ ༡༠༠༠ རེ་རེ་བཙུགས་དགོ། གལ་སྲིད་ཉིན་གྲངས་བདུན་ལས་ལྷག་པ་ཅིན་སློབ་དུས་ཕར་འགྱང་གཏང་ནི་ཨིན།
༩/ སྤེལ་ཁང་ནང་མཚན་ཐོ་ཁོད་མི་རྣམས་ཀྱིས་ཆོས་ལུགས་དང་མི་རིགས་གཉིས་ཀྱི་བར་ཆགས་སྡང་ཕྱོགས་རིས་འབད་མི་ཆོག། All persons shall not be discriminated on the grounds of race, sex, religion and status in the Institute ཆགས་སྡང་གི་གནས་ཚུལ་རེ་འཐོན་ན་སློབ་དཔོན་དང་སློབ་ཕྲུག་ག་ར་འབད་རུང་ཉེས་པ་ཆེ་ཕྲ་དང་བསྟུན་སྤེལ་ཁང་འདིའི་བཀོད་ཚོགས་ཀྱིས་ཐག་བཅད་གནང་ནི་ཨིན།
༡༠/ སྔ་དྲོ་དང་ཕྱི་དྲོའི་ཐུན་གྱི་སྐབས་སུ་ཟླ་ངོ་གཅིག་ལུ་ཉིན་གྲངས་གཉིས་གནང་བ་ཡོད། གལ་སྲིད་ཐེངས་གཉིས་ལས་བརྒལ་བ་དང་གནང་བ་མེད་ན་སྒྲིག་གཞི་ལམ་ལུག་ལྟར་ངོས་ལེན་འབད་ནི་ཨིན། If a Student remains absent in morning and evening prayer for more than two times. He/she will be dealt with according to the rules and regulations of the Institute ཟླ་ངོ་གཅིག་ལུ་ཉིན་གྲངས་གཉིས་ཟླ་རིམ་བདག་སྐྱོང་དང་གནང་བ་ཡོད་ན་ཆོག། གནང་བ་མེད་པ་དང་ཉིན་གྲངས་གཉིས་ལས་བརྒལ་ཆད་པ་ཅིན་ཉེས་ཆད་དངུལ་ཀྲམ་ ༡༠༠ བཀལ་ནི་ཨིན། དེ་ཡང་ཉེས་ཆད་འབྱོར་རྟགས་ཟླ་རིམ་བདག་སྐྱོང་གི་བཏོག་སྤྲོད་དགོ།
༡༡/ སྔ་དྲོ་དང་ཕྱི་དྲོའི་ཐུན་གྱི་སྐབས་སུ་ཐུན་དེབ་འབག་འོང་དགོ་གལ་སྲིད་འབག་མ་འོངས་ན་སྒྲིག་གཞི་ལམ་ལུགས་ལྟར་དུ་ངོས་ལེན་འབད་ནི་ཨིན། Those failing to bring their prayer books will also be dealt with according to the rules and regulations of the Institute གལ་སྲིད་ཐུན་དེབ་འབག་མ་འོངས་ན་ཉིན་ལྟར་བཞིན་དུ་དངུལ་ཀྲམ་ ༡༠༠/ ཆད་པ་བཀལ་ནི་ཨིན། དེ་ཡང་ཟླ་རིམ་བདག་སྐྱོང་གི་འགོ་འདྲེན་ཐོག་ལས་འབྱོར་རྟགས་བཏོག་སྤྲོད་དགོ།
༡༢/ སྤེལ་ཁང་གིས་འགོ་འདྲེན་འཐབ་པའི་ཤེས་རིག་བལྟ་སྐོར་མ་གཏོགས་རང་སོར་སྒེར་རྐྱང་ཐོག་སྡེ་ཚན་བཟོ་འགྱོ་ན་ཉེན་ཁག་སྤེལ་ཁང་གིས་མི་འབག། The Institute will not be responsible for any issues pertaining to group tours and trips other than those organized by the institute.
༡༣/ དེད་གཡོགཔ་དང་སྲུང་རྒྱབ་ཕྱག་དརཔ་ཚུ་གི་རང་རང་སོ་སོའི་འགན་ཁུར་ཚུ་འཐུས་ཤོར་མེད་པར་ཕྱག་ཞུ་དགོ། All the supporting staffs: The Driver, Caretaker and Cleaner must perform their roles and responsibilities without fail. གོང་གི་སྒྲིག་གཞི་དང་འགལ་བ་ཅིན། ༡. ཐེངས་དང་པོ་དྲན་གསོ་འབད་ནི་དང་། ༢. ཐེངས་གཉིས་པ་ཁས་ལེན་ཡི་གུ་བཙུགས་བཅུག་ནི་དང་། ༣. ཐེངས་གསུམ་པ་ལམ་ལུགས་ལྟར་གྲྭ་ཚང་ལྷན་ཚོགས་ཀྱི་ཡིག་ཚང་ནང་ལུ་ཞུ་བ་འཕུལ་ཞིནམ་ལས་བརྗེ་སོར་ཏང་ནི་ཨིན།
|